སྟག་རི་གཉན་གཟིགས།
༧༥༽ དེར་མང་པོ་རྗེས། ཁྱོད་ཟུ་ཙེ་ང་ཆེ་ང་བཙན་ཇི་ལྟར་སྒྲོག་ཀྱང༌། དབའ་དབྱི་ཚབ་དང་ཙེང་སྐུ་སོགས་ལ་མི་དོ་ཞིང༌། སྤུར་རྒྱལ་བཙན་པོའི་གཟི་བརྗིད་དབང་ཐང་ལ་འགྲན་ཐབས་མ་མཆིས་པའི་གོ་དོན་ཅན་གྱི་གླུ་བླངས་ཏེ། ཟུ་ཙེའི་ང་རྒྱལ་ཤགས་ཀྱིས་བཅགས་པར་བྱས་སོ།།
༧༦༽ དེ་ནས་རྒྱལ་པོས་སེང་མགོ་མྱི་ཆེན་དམག་དཔོན་ཆེན་པོར་བསྐོས་ཤིང༌། གྲུ་གུའི་ཡུལ་དུ་དམག་དྲངས་པས། དུས་ཡུན་རིང་པོ་མ་འགོར་བར་གྲུ་གུ་གཡུལ་ཕམ་ནས་བཙན་པོའི་མངའ་འོག་ཏུ་ཚུད།
༧༧༽ ཉིན་ཞིག རྒྱལ་པོ་དང་སེང་མགོ་མི་ཆེན་སོགས་གྱད་མི་འགའ་ལྗོངས་རྒྱུར་ཕེབས་སྐབས། བྲག་གསུམ་དེང་མའི་མཚོ་འགྲམ་དུ་རྟ་འདོ་བ་ཅང་ཤེས་ཤིག་ཡོད་པ་མཐོང༌། མི་ཆེན་གྱིས་ཞགས་པ་བཏབ་ནས་བཟུང་ངོ༌། །
༧༨༽ དེར་སེང་མགོ་མི་ཆེན་གྱིས། རྟ་མཆོག་འདི་བཙན་པོའི་ཆིབས་རྟ་གནང་ན་གནམ་འོག་ཏུ་འགྲན་ཟླ་མི་འོང༌། ཞེས་ཞུས་པར། བཙན་པོ་ཡང་ཧ་ཅང་དགྱེས་ཏེ་ཅང་ཤེས་ལ་ཁ་ལོ་བཏུལ་ནས་ཆིབས་རྟ་གནང༌།
༧༩༽ བྱང་ཐང་གི་ལམ་ཞིག་ཏུ་ཕེབས་སྐབས། གློ་བུར་དུ་ཉག་ཁ་ནས་འབྲོང་སྨྱོན་ཁྱུ་གཅིག་དང་འཕྲད་པས། ཚང་མ་རྟབ་རྟབ་པོར་གྱུར་པའི་ཚེ། གྱད་མི་གཉིས་ཀྱིས་འཇིགས་ཞུམ་མེད་པར་འབྲོང་རྒོད་ལ་ཤུགས་རྩལ་འགྲན་ནས་འཐབ་སྟེ་བསད།